海南建筑设施价格联盟

【MV】མཚོ་རྣ་ལུང་ཚན་སྡེབ།༼ངའི་ཕ་ཡུལ།༽湖耳环组合新单曲《我的故乡》!

只看楼主 收藏 回复
  • - -
楼主

(打开腾讯视频APP观看超清版)

ངའི་ཕ་ཡུལ།
ཚིག རིག་སྨོན་བསམ་གཏན།

དབྱངས། བཀྲ་ཤིས་རྡོ་རྗེ།
མཚོ་རྣ་ལུང་ཚན་སྡེབ།


ས་སྐྱིད་པོ་གངས་ལྗོངས་ཕྱུག་མོ།།

ཆོས་དཀར་པོའི་བསྟན་པ་དར་ས།།

སེམས་ཞི་བདེ་འོད་སྣང་འཁྱིལ་ས།།

ངའི་ཕ་ཡུལ་བསིལ་མོ་ལྗོངས་རེད།།


མཚོ་ཆེན་པོ་ཁྲི་གཤོག་རྒྱལ་མོ།།

ཉ་གསེར་མིག་གཤོག་རྩལ་རྒྱས་ས།།

མགྲོན་མང་པོའི་ཡིད་དབང་འཕྲོག་ས།།

ངའི་བླ་མཚོ་ཁྲི་ཤོར་རྒྱལ་མོ།།


བོད་བཙན་པོའི་གདུང་གི་རྒྱུད་པ།།

ཆུ་གཙང་པོ་ལྡོག་ཏུ་བཞུར་ས།།

རྡོ་ཉི་ཟླའི་གཟི་བྱིན་འཕྲོ་ས།།

ངའི་ཕ་ཡུལ་རིག་སྨོན་གཞུང་རེད།།

ཨོ་  ང་ཡི་ཕ་ཡུལ།


ཁ་བ་གངས་རིའི་ལྗོངས་ཀྱི་བོད་རིགས་སྤུན་ཟླ་ལྷན་རྒྱས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁོ་མོ་གཉིས་ནི་ཕ་ཡུལ་མཚོ་ལྷོ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་ནས་མཚར་ལོངས་བྱུང་བའི་མཚོ་རྣ་ལུང་ཚན་སྡེབ་ཅེས་པ་དེ་རེད་ལགས། ཁོ་མོ་གཉིས་ལ་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་ཡོད་པར་མ་ཟད། གླུ་གར་གྱི་སྒྱུ་རྩལ་ལ་དུངས་བ་ཆེ་ཞིང་། ཆུང་དུས་ནས་རང་ཉིད་ཀྱིས་སློབ་སྦྱོང་བྱས་ཏེ་གཡུར་དུ་ཟ་བའི་འབྲས་བཟང་ཞིག་ལེན་པར་འབད་བརྩོན་བྱེད་བཞིན་ཡོད།
༢༠༡༤ལོར་པེ་ཅིན་སྐབས་གསུམ་པའི་༼གླུ་སྙན་མོ་ངག་ལ་འགུག དཔྱིད་དཔལ་གླུ་ཡིས་བསྟོད༽་ཅེས་པའི་གླུ་ངག་འགྲན་བསྡུར་ལས་ཕུལ་བྱུང་ཚན་སྡེབ་ཀྱི་མཚན་སྙན་ཐོབ།ཕ་སྐད་གཙང་མའི་གླུ་གཞས་ལ་དུངས་བ་ཟབ་པའི་ཚན་སྡེབ་འདི་ལ་རིགས་མཐུན་སྤུན་ཟླ་རྣམས་ཀྱིས་རྒྱབ་སྐྱོར་རེ་གནང་བར་སེམས་གྱི་ཟབ་ས་ནས་བཀའ་དྲིན་ཆེ་ཞུ་ཞུ།
出生于青海省海南州共和县倒淌河镇的藏族新生代双胞胎姐妹湖耳环组合,天生有着天籁般的嗓音,从小热爱歌舞艺术,而舞台上唱歌是她俩梦寐以求的理想,以她俩不断努力取得了现在的好成绩,2014年北京“唱响春天,我声飞扬”第三届歌手大赛中获得了最佳表演奖,湖耳环是一个喜爱民族音乐的组合,她们的将来定会是我们藏族传统音乐艺术的两颗星星,同胞们多多支持,多多关注湖耳环组合!


举报 | 1楼 回复

友情链接