ཡོངས་འཛིན་འཚོལ་བཤེར་གྱི་ཚན་རིག་དགེ་མཚན།云藏搜索
ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་འཛུགས་སྐྲུན་ནི་ས་གནས་དང་སློབ་ཆེན། ཁེ་ལས་གསུམ་མཉམ་འབྲེལ་གསར་གཏོད་བྱས་པའི་རྣམ་པ་གསར་བ་ཞིག་ཡིན་ཏེ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོས་སྲོག་ཤིང་དུ་གྱུར་བའི་ལག་རྩལ་ཏེ་བོད་ཡིག་གི་མིང་གི་རིགས་དབྱེའི་རྣམ་གཞག་འབྱེད་པ་དང་སྐད་བརྡའི་དབྱེ་ཞིབ་མ་ལག་གི་འདོན་སྤེལ་གྱི་འགན་འཁུར་བ་དང་། པེ་ཅིང་ཞེན་ཏེན་ཚན་རྩལ་ཚད་ཡོད་ཀུང་ཟིས་འཚོལ་བཤེར་མ་ལག་གི་སྒྲོམ་གཞིའི་ལག་རྩལ་འདོན་སྤེལ་གྱི་འགན་འཁུར་བ། མཚོ་ལྷོ་ཁུལ་བརྡ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་ལས་གཞི་ལག་བསྟར་དང་ཡོངས་འཛིན་འཚོལ་བཤེར་གྱི་གྲངས་མཛོད་འཛུགས་སྐྲུན་གྱི་འགན་འཁུར་ནས་བསྐྲུན་པ་ཡིན། ཡོངས་འཛིན་འཚོལ་བཤེར་ལེགས་གྲུབ་བྱུང་བ་ཡིས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་སྟོང་ཆ་མི་ཉུང་བ་ཞིག་བསྐངས་པའི་ཁར། འཛམ་བུ་གླིང་གི་དྲ་རྒྱའི་ཁོངས་སུ་བོད་ཡིག་ཆ་འཕྲིན་ལ་ཉེ་བར་འཇུག་པའི་སྒོ་མོ་ཞིག་དང་། བོད་ཀྱི་རིག་གནས་ཙམ་མ་ཟད། བོད་ཡིག་གི་ལམ་ནས་འཛམ་གླིང་གི་རིག་གནས་སྣ་མང་ལ་རྒྱུས་ལོན་དང་མཉམ་རོལ་བྱེད་པར་མཐུན་རྐྱེན་གལ་ཆེན་ཞིག་བསྐྲུན་པ་རེད།
ཡོངས་འཛིན་འཚོལ་བཤེར་གྱི་རིག་གནས་དགེ་མཚན།
མི་རིགས་ཤིག་གི་སྐད་ཡིག་ནི་མི་རིགས་དེའི་རིག་གནས་ཀྱི་སྲོག་རྩ་ཡིན་པར་མ་ཟད། རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ལ། ཆ་འཕྲིན་ཅན་གྱི་དུས་རབས་སུ་དྲ་རྒྱའི་ལམ་ནས་དེ་བརྒྱུད་སྒྲོག་དང་ཁྱབ་གདལ། འཕེལ་རྒྱས་སུ་གཏོང་བ་ནི་མི་རིགས་དེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ཡིན། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གཞུང་གི་གཏིང་ཟབ་པའི་བོད་ཀྱི་རིག་གནས་དེ་ཀྲུང་ཧྭའི་རིག་གནས་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། དེའི་དར་རྒྱས་གོང་སྤེལ་གྱིས་ཀྲུང་ཧྭའི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། རང་རྒྱལ་གྱི་རིག་གནས་ཀྱི་ཞན་ཆ་ཁ་བསྐངས་ལ། ས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་རིགས་བར་གྱི་རིག་གནས་འབྲེལ་འདྲིས་ཐད་ནུས་པ་གལ་ཆེན་ཐོན་ཡོད།
ཡོངས་འཛིན་འཚོལ་བཤེར་གྱི་ཆབ་སྲིད་དགེ་མཚན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་རྒྱུར། “དྲ་རྒྱའི་བདེ་འཇགས་མེད་ན་རྒྱལ་ཁབ་ཀྱི་བདེ་འཇགས་མེད་ལ། ཆ་འཕྲིན་ཅན་མེད་ན་དེང་རབས་ཅན་ཡང་མེད”ཅེས་པ་བཞིན་ང་ཚོས་གོ་སྐབས་དམ་འཛིན་བྱས་ཏེ། ཡོངས་འཛིན་བོད་ཡིག་འཚོལ་བཤེར་འདོན་སྤེལ་བྱས་པ་ཡིས་བོད་ཡིག་ཆ་འཕྲིན་དུས་ཐོག་འཚོལ་བཤེར་ཐུབ་པར་མ་ཟད། དྲ་རྒྱའི་གླེང་ཕྱོགས་ཀྱི་སྣེ་ཁྲིད་དང་ཏང་གི་སྲིད་ཇུས་རིགས་སྣ་ཚོགས་དྲིལ་སྒྲོག་བྱེད་པ་སོགས་སུ་སྟེགས་བུ་གལ་ཆེན་ཞིག་བསྐྲུན་ཡོད།
ཡོངས་འཛིན་འཚོལ་བཤེར་གྱི་སྤྱི་ཚོགས་དགེ་མཚན།
ཡོངས་འཛིན་བོད་ཡིག་འཚོལ་བཤེར་འདོན་སྤེལ་བྱས་པ་དེས་བོད་ཀྱི་སྐད་ཡིག་ཐད་སྔར་ལས་མེད་པའི་ཐོད་བརྒལ་བྱུང་ཞིང་། བོད་ཡིག་ཆ་འཕྲིན་ལག་རྩལ་ལ་སྔར་ལས་འཕེལ་རྒྱས་བྱུང་། བོད་སྐད་ཡིག་ཀྱང་རྒྱ་ཡིག་དང་དབྱིན་ཡིག་སོགས་དང་འདྲ་བར་ཆ་འཕྲིན་གྱི་སྒང་དུ་མཉམ་དུ་བེད་སྤྱོད་བྱས་ཆོག་ལ། བོད་ཁུལ་གྱི་སྤྱི་ཚོགས་ཀྱིས་ཀྱང་ས་ཁུལ་གཞན་དག་དང་འདྲ་བར་དེང་རབས་ཅན་དུ་འགྱུར་བའི་དྲ་རྒྱའི་ཚན་རྩལ་ཞབས་ཞུ་སྣ་ཚོགས་ལོངས་སུ་སྤྱོད་ཐུབ། དེར་མ་ཟད་ཡོངས་འཛིན་བོད་ཡིག་འཚོལ་བཤེར་གྱིས་བོད་ཡིག་ཆ་འཕྲིན་གྱི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་དང་བོད་ཡིག་གློག་རྡུལ་གཞི་གྲངས་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།
8月22日,海南藏族自治州以隆重而简朴的仪式,正式启动了“云藏”藏文搜索引擎系统平台。这像一股劲风在瞬间吹遍了海南草原,吹遍了辽阔的藏区。由此,走过千百年历程的藏族文字开启了具有里程碑意义的“搜索时代”,由此,在瞬间拉近了与省内外乃至整个世界的距离,是一个封闭历程的终结和主动融入的开端。
曾几何时,说起青海的“海南”,人们往往与万里云天外“天涯海角”的海南混为一谈,此“海南”与彼“海南”无论在各方面都相去甚远。究其因,海南州地处偏远,名不见经传,更重要原因的是源于自身开放意识的滞后,缺少自我宣传推介、自我“发声”的平台。随着互联网时代的到来,整个经济社会从平面走向立体,,并带动经济社会的快速发展。正是有了这样一剂“催产素”,带着广大藏区各族群众渴望借助藏族语言文字,筑起拉近与外界的“空中走廊”,带着与全国一起全面建成小康社会的殷切期盼,“云藏”藏文搜索引擎应运而生。
这是带动海南州乃至整个藏区经济社会驶上“快车道”的引擎。有了这样一个“引擎”,人们原有印象中的藏区,将在打破封闭落后中,以藏、汉、英语言文字的相辅相融,在提升藏民族文化软实力的同时,让世界了解藏区,让藏区融入世界。以藏族语言文字获得一次质的飞跃,让藏语文也和汉文、英文等一样实现同步使用,使藏区社会和其他地区一样享受现代网络科技服务为发端,在借鉴学习先进经验和发展模式中,为藏区经济社会发展与民生日益改善,引来活水,注入活力。并通过这一平台全方位展示藏区在改革开放中,尤其是的以来在各项建设事业中取得的辉煌成就,为藏区的发展奏响稳定之声、和谐之音。让外界更加真切、更加鲜活地看到一个充满希望的藏区、蓬勃发展的藏区、繁荣和谐的藏区。
这是一个增进民族团结进步、凝聚信念力量的“引擎”。有了这样一个相互沟通、相互交流、相互促进、相互支撑的桥梁与纽带,藏区群众将和各民族群众一道,在手挽手、心连心中,不断增进各民族之间的兄弟情谊,不断推进民族团结进步。“心往一处想,劲往一处使”,共同集结在实现中华民族伟大复兴“中国梦”的猎猎大旗下,以共同的信念和力量,向着全面建成小康社会的既定目标铿锵迈进。
“云藏”,扎西德勒!你一定会带来美好与吉祥。
友情链接