海南建筑设施价格联盟

ཨུ་ཡོན་ཞིག་གི་རེ་འབོད། 一位委员的提案

只看楼主 收藏 回复
  • - -
楼主


  


海南藏族自治州第十四届第一次会议 会议现场


      

   关于保护生长在青海省同德县佳普红柽柳林的提案  

    

提案人:悟嘉仓


第一、佳普红(柽)柳林概况

      佳普红(柽)柳林位于海拔2660米的青海省同德县黄河两岸,大约面积1188.5亩、红柳林中树围超过30厘米的有666棵,1.4米的有203棵,其中被视为世界红(柽)柳之王的树围约为3.67米,高度约17米。它具有四种特点:高度胜于本科物种、直径大、年轮多、生长地海拔高。尤其在我国,具有这种无与伦比的红(柽)柳林是我们国家和民族在环境保护中得到的回报和荣誉。2010年7月中国科学院西部高原环境研究所专家吴玉虎等一行到同德县佳普红(柽)柳林经过详细观望和考察后,首次宣布佳普红(柽)柳林是世界上最大的红柳巨树及圣骑红(柽)柳林。

        近期随尕毛羊曲峡电站的建成蓄水,主要生长区在尕毛羊曲建造的电站项目区域内的红(柽)柳林面临着大面积淹没的危险,因此得到众多社会爱心人士的关注。

第二、保护佳普红(柽)柳林的必要性

1、,牢固树立生态保护第一理 念和海南州州长索南端智对“海南州第十四届和政府报告”中提到的,坚守生态底线,完善生态文明制度体系的精神。

2、中国科学院西部高原环境研究所专家吴玉虎说:这片林子经过了多少年,起码几百年的沧桑巨变没有被毁,如果我们这一代人手里被毁了,我们觉得是一种悲哀,是我们这一代人在犯罪。我们应该用实际行动来保护这片红(柽)柳林。

3、当今旅游事业发展时期,应将位于三江源头、国家环保区域内的红(柽)柳林作为旅游基地,大力发展和爱护林地,决不能毁坏这片古老的红(柽)柳林。

第三、建议

原址保护佳普红(柽)柳林,打造佳普红(柽)柳林旅游圣地。


媒体报道链接:青海大坝建设将强移全球最大柽柳林,或致全军覆没

http://share.iclient.ifeng.com/sharenews.f?aid=cmpp_030000050210246&from=timeline&isappinstalled=0


མཚོ་སྔོན་ཞིང་ཆེན་ཐུན་ཏེ་(འབའ་རྫོང)རྫོང་གི་ཀྱལ་ཕུག་ཀྱལ་རྟའི་ནགས་ཀླུང་ལ་སྲུང་སྐྱོབ་བྱེད་དགོས་པའི་གྲོས་གཞི།


  ཨོའུ་རྒྱ་ཚང་།

དང་པོ། ཀྱལ་ཕུག་ཀྱལ་རྟའི་ནགས་ཀླུང་མཚམས་སྦྱོར།

ཀྱལ་རྟའི་ནགས་ཀླུང་འདི་མཚོ་སྔོན་ཞིང་ཆེན་འབའ་རྫོང་གི་རྨ་ཆུའི་འགྲམ་རྒྱུད་གཡས་འཁྱིལ་ཆུ་གློག་ཆུ་མཛོད་ལས་གཞིའི་ས་ཁུལ་དུ་ཡོད། མཚོ་ངོས་ལས་མཐོ་ཚད་རྨིད་༢༦༦༠ཡིན་པའི་རྨ་འགྲམ་རྡེའུ་ཟེགས་བྱེ་མའི་ནང་དུ་སྐྱེས་ཡོད། རྒྱ་ཁྱོན་མུའུ་༡༡༨༨.༥ཡོད། དེའི་ནང་ན་སྦོམ་ཚད་ཁྲི་གང་ཅན་གྱི་སྡོང་བོ་༦༦༦དང་། སྦོམ་ཚད་རྨིད༡.༤ཡན་གྱི་སྡོང་བོ་༢༠༣. ཆེས་ཆེ་བའི་ཀྱལ་རྟའི་སྡོང་བོའི་སྦོམ་ཚད་རྨིད༣.༦༧འགའ་ཤས་ཡོད། མཐོ་ཚད་ཧ་ལམ་རྨིད་༡༧ཡོད། དེ་ནི་འཛམ་གླིང་སྟེང་གི་ཀྱལ་རྟའི་རྒྱལ་བོ་ཡིན།


དེ་ནི་ཁྱད་ཆོས་བཞིའི་སྟེང་ནས་འཛམ་གླིང་གི་ཀྱལ་རྟའི་རྒྱལ་བོར་གྱུར་ཡོད་དེ། སྡོང་བོའི་མཐོ་ཚད་དང་སྦོམ་ཚད། ལོ་ཚད། མཚོ་ངོས་ལས་མཐོ་ཚད་བཞིས་མངོན་པར་མཚོན་ཡོད། འདི་ནི་རང་རེའི་ཀྲུང་ཧྭ་རྒྱལ་ཁབ་ལས་འཛམ་གླིང་སྟེང་གཞན་ན་མེད་པའི་སྐྱེ་ཁམས་ཁོར་ཡུག་ཅ་རྟའི་ནགས་ཀླུང་ཞིག་ཡིན། དེ་ནི་རྒྱལ་ཁབ་དང་མི་རབས་ཀྱིས་ད་བར་དུ་སྐྱེ་ཁམས་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱས་པའི་ཕན་འབྲས་དང་གཟི་བརྗིད་རེད།


༢༠༡༠ལོའི་ཟླ་༧པར། ཀྲུང་གོ་ཚན་རྩལ་གླིང་ནུབ་རྒྱུད་མཐོ་སྒང་སྐྱེ་ཁམས་ཞིབ་འཇུག་ཁང་གི་ཆེད་མཁས་བོའུ་ཡུས་ཧོའུ་སོགས་ཐོག་མར་འབའ་རྫོང་དུ་འབྱོར་ནས། ཀྱལ་རྟའི་ནགས་ཀླུང་འདི་ལ་བརྟག་དཔྱད་ཞིབ་འཇུག་བྱས་མཐར། འཛམ་གླིང་ཐོག་ཆེས་ཆེ་བའི་ཀྱལ་རྟའི་སྡོང་བོ་དང་ངོ་མཚར་བའི་སྐྱེ་ཁམས་ཞེས་ཐོག་མར་གསལ་བསྒྲགས་ཐོབ།


དེང་སྐབས་གཡས་འཁྱིལ་རྨ་ཆུའི་ཆུ་རགས་ཆེན་པོ་དེས་ཀྱལ་རྟའི་ནགས་ཀླུང་ཆུ་འོག་ཏུ་ནུབ་པའི་གནས་ཚུལ་ལ་སྤྱི་ཚོགས་སྟེང་ཧ་ཅང་དོ་གལ་ཆེན་པོ་གནང་གིན་འདུག དེས་ན་ང་རང་ཉིད་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་འགན་དབང་གི་སྟེང་ནས་དེ་དག་གི་ཚབ་བྱས་ནས་སྐད་ཆ་འདི་བཤད་རྒྱུ་ཡིན།



གཉིས་པ། ཀྱལ་ཕུག་ཀྱལ་རྟའི་ནགས་ཀླུང་སྲུང་སྐྱོབ་བྱེད་དགོས་པའི་རྒྱུ་མཚན།

༡. སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱི་གལ་ཆེའི་མཛུབ་སྟོན།“སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་པའི་འདུ་ཤེས་བརྟན་པོར་གཏོང་རྒྱུ”ཞེས་པར་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་ལེན་བྱེད་རྒྱུ་དང་། མཚོ་ལྷོའི་ཁུལ་དཔོན་བསོད་ནམས་དོན་གྲུབ་གྱིས།
༼མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་དང་པོའི་སྲིད་གཞུང་ལས་དོན་སྙན་ཞུ་ལས༽
༼སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་མཐུས་ཚང་དུ་བཏང་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་ལག་བསྟར་བྱེད་དགོས། ༽ཞེས་སྐྱེ་ཁམས་སྲུང་སྐྱོབ་ལམ་ལུགས་མཐུས་ཚང་དུ་གཏོང་བར་བཤད་པ་དོན་ཐོག་ཏུ་འཁེལ་བ་བྱ་དགོས།


༢. ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་སྐྱེ་ཁམས་རིག་གནས་ཆེད་མཁས་བོའུ་ཡུས་ཧོའུ་ཡིས་། ལོ་བརྒྱ་ཕྲག་དུ་མའི་རིང་གནས་པའི་ཀྱལ་རྟའི་ནགས་ཀླུང་འདི། གལ་ཏེ་ང་ཚོའི་དུས་རབས་འདིར་མེད་པར་བཟོས་སོང་ན། དེ་ནི་ང་ཚོའི་མི་རབས་འདིའི་ནག་ཉེས་རེད། ཞེས་བཤད་པ་བཞིན། ང་ཚོས་ཀྱང་ཀྱལ་རྟའི་ནགས་ཀླུང་འདི་ལ་གནོད་སྐྱོན་མི་བཟོ་བར་སྲུང་སྐྱོབ་ལེགས་པོ་བྱེད་དགོས།


༣. ཡུལ་སྐོར་ལྗོངས་རྒྱུའི་ལས་རིགས་དར་སྤེལ་གཏོང་བའི་དུས་འདིར།
རྨ་འབྲི་རྫ་གསུམ་གྱི་ཆུ་བོའི་འགོ་ཁུངས། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་དུ་ཡོད་པའི་འཛམ་གླིང་སྟེང་གི་ཀྱལ་རྟའི་རྒྱལ་བོ་གཙོ་བྱས་སྐྱེ་ཁམས་ཁོར་ཡུག་རིན་ཐང་བྲལ་བ་འདི་ལྟ་བུ་ཡུལ་སྐོར་ལྗོངས་རྒྱུའི་རྟེན་གཞི་བྱས་ཏེ་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པ་ལས་མེད་བརླག་ཏུ་གཏན་ནས་གཏོང་མི་རུང་།


གསུམ་པ། མཇུག་མཐའི་རེ་བ།
ཀྱལ་ཕུག་ཀྱལ་རྟའི་ནགས་ཀླུང་འདི་ཆུ་འོག་ཏུ་མི་བསྣུབས་པ་དང་ཡུལ་གཞན་ལ་གནས་སྤོར་མི་བྱེད་པར་ཡུལ་འདིར་རྨ་འགྲམ་ཡུལ་སྐོར་ལྗོངས་རྒྱུའི་ལྟེ་གནས་ཤིག་འཛུགས་རྒྱུའི་རེ་བ་བཏོན་པ་ཡིན།


                                                              ༢༠༡༦.༡༡.༡༤ལ།





欢迎将您看到的,听到的,

投稿至ongahum@163.com

您的分享和转发是最好的法布施

欲知更多精彩内容,请关注“智慧的爱



举报 | 1楼 回复

友情链接